根据《自然资源部 财政部 生态环境部 水利部 国家林业和草原局关于印发〈自然资源统一确权登记暂行办法〉的通知》(自然资发〔2019〕116号),从本通告发布之日起,按照资源公有、物权法定和统一确权登记的原则,开展西藏比如娜若国家级湿地公园自然资源确权登记。现将有关事项通告如下:
一、登记范围
西藏比如娜若国家级湿地公园,位于西藏自治区那曲市行政区划内。本次登记区域涉及比如县1个县。
二、登记单元预划
以西藏比如娜若国家级湿地公园整合优化后的范围界线为基础,预划分1个登记单元。
三、工作时间
自本通告发布之日起2年以内。
四、其他事项
本次重点登记西藏比如娜若国家级湿地公园范围、面积及登记单元内各类自然资源数量、质量等自然状况;国有自然资源所有权主体、所有者职责履行(代理履行)主体及履行方式等权属状况,以及其他事项。登记单元所涉及的地方人民政府、有关部门、权利主体等,应积极配合做好确权登记相关工作。
特此通告。
西藏自治区自然资源厅
2025年6月17日
བོད་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་གིས་བོད་ལྗོངས་འབྲི་རུ་ནཱ་རོ་རྒྱལ་ཁབ་རིམ་པའི་འདམ་རའི་སྤྱི་གླིང་གི་རང་བྱུང་ཐོན་ཁུངས་བདག་དབང་གཏན་འཁེལ་ཐོ་འགོད་བྱ་རྒྱུའི་
སྐོར་གྱི་བརྡ་ཁྱབ་།
《རང་བྱུང་ཐོན་ཁུངས་པུའུ། ནོར་སྲིད་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ། ཆུ་བེད་པུའུ། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུད་འབྲེལ་ཡོད་ཀྱི་〈རང་བྱུང་ཐོན་ཁུངས་གཅིག་གྱུར་གྱི་བདག་དབང་གཏན་འཁེལ་ཐོ་འགོད་ཀྱི་གནས་སྐབས་ལག་བསྟར་བྱ་ཐབས་〉པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་》(རང་བྱུང་ཐོན་འགྲེམས་〔2019〕ཨང་116པ་)ལྟར་བརྡ་ཁྱབ་འདི་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ཐོན་ཁུངས་སྤྱི་ལ་དབང་བ་དང་རྒྱུ་དངོས་བདག་དབང་གི་ཁྲིམས་གཏན་འཁེལ་བ་གཅིག་གྱུར་གྱི་བདག་དབང་གཏན་འཁེལ་གྱི་ཐོ་འགོད་བཅས་ཀྱི་རྩ་དོན་གཞིར་བཟུང་སྟེ་བོད་ལྗོངས་འབྲི་རུ་ནཱ་རོ་རྒྱལ་ཁབ་རིམ་པའི་འདམ་རའི་སྤྱི་གླིང་གི་རང་བྱུང་ཐོན་ཁུངས་བདག་དབང་གཏན་འཁེལ་ཐོ་འགོད་བྱས་པ་རེད་ ད་ལྟ་འབྲེལ་ཡོད་དོན་ཚན་ལ་བརྡ་ཁྱབ་གཏོང་རྒྱུ་གཤམ་གསལ་ལྟར།
གཅིག། ཐོ་འགོད་ཁྱབ་ཁོངས།
བོད་ལྗོངས་འབྲི་རུ་ནཱ་རོ་རྒྱལ་ཁབ་རིམ་པའི་འདམ་རའི་སྤྱི་གླིང་ནི་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་སྲིད་འཛིན་ས་ཁོངས་སུ་གནས་ཡོད་ཅིང་ད་ཐེངས་ཀྱི་ཐོ་འགོད་ས་ཁོངས་དེ་འབྲི་རུ་རྫོང་1དང་འབྲེལ་བ་ཡོད།
གཉིས། ཐོ་འགོད་སྡེ་ཚན་སྔོན་བཀོད་བྱེད་པ།
བོད་ལྗོངས་འབྲི་རུ་ནཱ་རོ་རྒྱལ་ཁབ་རིམ་པའི་འདམ་རའི་སྤྱི་གླིང་སྡེབ་སྒྲིག་ལེགས་སྒྱུར་བྱས་རྗེས་ཀྱི་ཁྱབ་ཁོངས་ཀྱི་མཚམས་ཐག་རྨང་གཞིར་བྱས་ཏེ་ཐོ་འགོད་ཚན་པ་1སྔོན་ལ་དབྱེ་ཡོད།
གསུམ། ལས་ཀའི་དུས་ཚོད།
བརྡ་ཁྱབ་འདི་ཁྱབ་བསྒྲགས་བྱས་པའི་ཉིན་ནས་ལོ་2ཀྱི་ནང་ཚུན་ཡིན།
བཞི། དོན་ཚན་གཞན་དག།
ད་ཐེངས་ཀྱི་གཙོ་གནད་ཐོག་བོད་ལྗོངས་འབྲི་རུ་ནཱ་རོ་རྒྱལ་ཁབ་རིམ་པའི་འདམ་རའི་སྤྱི་གླིང་གི་ཁྱབ་ཁོངས་དང་རྒྱ་ཁྱོན་དེ་བཞིན་ཐོ་འགོད་ཚན་པའི་ནང་གི་རང་བྱུང་ཐོན་ཁུངས་ཀྱི་གྲངས་འབོར་དང་སྤུས་ཚད་སོགས་རང་བྱུང་གནས་ཚུལ་དང་གཞུང་ཁོངས་རང་བྱུང་ཐོན་ཁུངས་བདག་དབང་གི་བྱེད་པ་པོ་དང་བདག་པོའི་འགན་འཁྲི་སྒྲུབ་པའི་(ཚབ་བྱེད་པའི་)བྱེད་པ་པོ་དང་ལག་བསྟར་བྱེད་སྟངས་སོགས་ཐོ་འགོད་བྱ་རྒྱུ་ཡིན་དབང་གཏོགས་གནས་ཚུལ་དང་དེ་བཞིན་དོན་ཚན་གཞན་དག་ལ་ཐོ་འགོད་ཚན་པ་དང་འབྲེལ་བ་ཡོད་པའི་ས་གནས་མི་དམངས་སྲིད་གཞུང་འབྲེལ་ཡོད་སྡེ་ཚན་དང་ཁེ་དབང་གི་བྱེད་པ་པོ་སོགས་ཀྱིས་གཞོགས་འདེགས་ཧུར་ཐག་བྱས་རྗེས་དབང་ཆ་གཏན་འཁེལ་ཐོ་འགོད་ཀྱི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་དགོས།
དེ་དོན་ཆེད་དུ་ཁྱབ་བསྒྲགས་སྤེལ་རྒྱུའི་བརྡ་ཁྱབ།
བོད་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང།
2025ལོའི་ཟླ་6པའི་ཚེས་17ཉིན།