关于公开征集比如县民政和退役军人事务局(残联)领域涉及群众身边不正之风
问题线索的公告
比如县广大人民群众、社会各界:
为深入贯彻落实西藏自治区民政厅《关于印发〈西藏自治区2026年困难群众救助不到位问题集中整治工作方案〉的通知》(藏民发〔2026〕25号)文件精神,持续整治群众身边不正之风和腐败问题,切实维护残疾人、老年人、社会救助对象等群体合法权益,畅通群众监督渠道,精准纠治困难群众救助不到位、残疾人等级评定不精准、骗取侵占惠残资金等突出问题,现面向社会公开征集民政(残联)领域相关问题线索,欢迎广大社会组织和人民群众积极参与监督。现将有关事项公告如下:
一、征集时间
自本公告发布之日起至2026年12月31日止(法定工作日:上午10:00—13:00,下午15:30—18:30)。
二、反映渠道
举报电话:0896-3622121
电子邮箱:birumz@163.com
来信地址:西藏那曲市比如县民政和退役军人事务局(邮编:852300)。
三、征集范围
本次监督举报受理范围主要聚焦以下领域,重点排查“不作为、乱作为、假作为”等问题:
残疾人服务领域:重点围绕残疾人等级评定不精准、程序不规范,以及骗取、侵占、挪用惠残资金、优亲厚友等违规违纪行为。
社会救助领域:重点整治未将符合条件的困难群众按规定纳入救助范围、未按时足额发放救助金、低保或特困人员认定不精准、优亲厚友等问题。
养老服务领域:重点查处养老服务机构中存在的虐待、歧视老年人,克扣、挪用养老服务补贴,服务态度恶劣、违规收费等侵害老年人合法权益的问题。
四、提供线索须知
反映问题应实事求是,尽量具备客观、明确的线索信息,包括但不限于被反映对象、事发时间、具体情况、相关证据(如材料、图片等)。
提倡实名举报:请提供真实姓名、有效联系方式,我们将依法严格保护举报人个人信息和合法权益。
严肃追责:对恶意诬告、捏造事实陷害他人的行为,将依法依规追究相关责任。比如县民政和退役军人事务局(残联)将对收到的问题线索进行认真核查,依法依规处理,并严格落实保密要求,切实维护举报人的合法权益。
比如县民政和退役军人事务局
2026年3月9日
འབྲི་རུ་རྫོང་དམངས་སྲིད་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུད(དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས)ཁྱབ་ཁོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་འབྲེལ་བའི་གནད་དོན་གྱི་ཁུངས་སྣེ་ཡོངས་བསྒྲགས་ངང་བསྡུ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།
འབྲི་རུ་རྫོང་གི་རྒྱ་ཆེའི་མི་དམངས་མང་ཚོགས་དང་སྤྱི་ཚོགས་ཀྱི་ལས་རིགས་ཁག་གི་ཕྱོགས་ལ།
བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི《〈བོད་རང་སྐྱོང་ལྗོངས་ཀྱི་2026ལོའི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོབ་གནད་ལ་མི་འཁེལ་བའི་གནད་དོན་གཅིག་སྡུད་བཅོས་སྒྲིག་གི་ལས་ཀའི་ཇུས་གཞི〉པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》(བོད་དམངས་སྤེལ〔2026〕ཡིག་ཨང་25པ)ཡི་ཡིག་ཆའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་རྒྱུན་མཐུད་ངང་བཅོས་སྒྲིག་བྱས་ནས། དབང་པོ་སྐྱོན་ཅན་དང་། རྒན་རྒོན། སྤྱི་ཚོགས་རོགས་སྐྱོབ་བྱ་ཡུལ་སོགས་ཚོགས་སྤྱིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་པ་དང་། མང་ཚོགས་ཀྱི་ལྟ་སྐུལ་ཐབས་ལམ་ཤར་གཏོང་བྱེད་པ། དེ་བཞིན་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོབ་གནད་ལ་མི་འཁེལ་བ་དང་། དབང་པོ་སྐྱོན་ཅན་གྱི་རིམ་པ་ཞིབ་དཔྱད་གཏན་འཁེལ་གནད་ལ་མི་འཁེལ་བ། དབང་པོ་སྐྱོན་ཅན་ལ་ཕན་པའི་མ་དངུལ་གཡོ་ལེན་ཧམ་བཟུང་བྱེད་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་བཅོས་སྒྲིག་གནད་སྨིན་བྱེད་པ་བཅས་ཀྱི་ཆེད་དུ། ད་ལྟ་སྤྱི་ཚོགས་ལ་ཕྱོགས་ནས་དམངས་སྲིད(དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས)ཁྱབ་ཁོངས་ཀྱི་འབྲེལ་ཡོད་གནད་དོན་ཡོངས་བསྒྲགས་ངང་འཚོལ་བསྡུ་བྱ་རྒྱུ་ཡིན་པས། རྒྱ་ཆེའི་སྤྱི་ཚོགས་རྩ་འཛུགས་དང་མི་དམངས་མང་ཚོགས་རྣམས་ལྟ་སྐུལ་ནང་ཧུར་ཐག་ཞུགས་པར་དགའ་བསུ་ཞུ་རྒྱུ་ཡིན། ད་ལྟ་འབྲེལ་ཡོད་དོན་དག་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།
གཅིག འཚོལ་བསྡུའི་དུས་ཚོད།
སྤྱི་བསྒྲགས་འདི་ཁྱབ་བསྒྲགས་བྱས་པའི་ཉིན་ནས་2026ལོའི་ཟླ་12པའི་ཚེས་31ཉིན་བར་གྱི(ཁྲིམས་བཀོད་ལས་ཀའི་ཉིན་མོའི་སྔ་དྲོའི་ཆུ་ཚོད་10:00ནས་13:00བར་དང་། ཕྱི་དྲོའི་ཆུ་ཚོད་15:30ནས་18:30བར་ཡིན)
གཉིས། ཡར་ཞུའི་ཐབས་ལམ།
ཐེར་འདོན་ཁ་པར་ཨང་གྲངས། 0896-3622121
གློག་རྡུལ་ཡིག་སྒམ། birumz@163.com
ཡིག་སྐུར་ས་གནས། བོད་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་དམངས་སྲིད་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུད(སྦྲག་ཨང་། 852300)
གསུམ། འཚོལ་བསྡུའི་ཁྱབ་ཁོངས།
ད་ཐེངས་ཀྱི་ལྟ་སྐུལ་ཐེར་འདོན་བདག་སྤྲོད་ཁྱབ་ཁོངས་ནང་གཙོ་བོ་གཤམ་གསལ་གྱི་ཁྱབ་ཁོངས་ལ་དམིགས་ནས། “དགོས་པའི་ལས་མི་བྱེད་པར་མི་དགོས་ལས་རྙོག་བཟོ་བ”སོགས་ཀྱི་གནད་དོན་གཙོ་གནད་ཐོག་གྲལ་བཤེར་བྱ་རྒྱུ་སྟེ།
དབང་པོ་སྐྱོན་ཅན་གྱི་ཞབས་ཞུའི་ཁྱབ་ཁོངས་སུ། དབང་པོ་སྐྱོན་ཅན་གྱི་རིམ་པ་ཞིབ་དཔྱད་གཏན་འཁེལ་གནད་ལ་མི་འཁེལ་བ་དང་གོ་རིམ་ཚད་ལྡན་མེད་པ། དེ་བཞིན་དབང་པོ་སྐྱོན་ཅན་ལ་ཕན་པའི་མ་དངུལ་གཡོ་ལེན་དང་། ཧམ་བཟུང་། གཞན་སྤྱོད་བྱེད་པ། ད་དུང་ཉེ་དགའ་ཕྱོགས་ཞེན་བྱེད་པ་སོགས་ཀྱི་སྒྲིག་འགལ་བྱ་སྤྱོད་ལ་གཙོ་གནད་ཐོག་དམིགས་རྒྱུ།
སྤྱི་ཚོགས་རོགས་སྐྱོབ་ཁྱབ་ཁོངས་སུ། ཆ་རྐྱེན་དང་འཚམ་པའི་དཀའ་ངལ་ཡོད་པའི་མང་ཚོགས་གཏན་འབེབས་ལྟར་རོགས་སྐྱོབ་ཁྱབ་ཁོངས་སུ་བཅུག་མེད་པ་དང་། དུས་ཐོག་ཏུ་རོགས་སྐྱོབ་མ་དངུལ་འདང་ངེས་མ་སྤྲད་པ། མ་མཐའི་འཚོ་བ་འགན་ལེན་ནམ་ཡང་ན་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་ངོས་འཛིན་གནད་མི་འཁེལ་བ། ཉེ་དགའ་ཕྱོགས་ཞེན་བྱེད་པ་སོགས་ཀྱི་གནད་དོན་གཙོ་གནད་ཐོག་བཅོས་སྒྲིག་བྱ་རྒྱུ།
རྒན་གསོའི་ཞབས་ཞུའི་ཁྱབ་ཁོངས་སུ། རྒན་གསོའི་ཞབས་ཞུའི་སྒྲིག་གཞིའི་ནང་གནས་པའི་རྒན་རྒོན་ལ་མནར་གཅོད་གཏོང་བ་དང་མཐོང་ཆུང་བྱེད་པ། རྒན་གསོའི་ཞབས་ཞུའི་ཁ་གསབ་འཐེན་པ་དང་གཞན་སྤྱོད་བྱེད་པ། ཞབས་ཞུའི་རྣམ་འགྱུར་ཞན་པ། སྒྲིག་འགལ་གྱིས་དངུལ་བསྡུ་བ་སོགས་རྒན་རྒོན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་གནད་དོན་གཙོ་གནད་ཐོག་ཞིབ་བཤེར་ཐག་གཅོད་བྱ་རྒྱུ།
བཞི། ཁུངས་སྣེ་མཁོ་འདོན་བྱེད་པར་ངེས་པར་དུ་ཤེས་དགོས་དོན།
གནད་དོན་ཡར་ཞུ་བྱེད་པར་དངོས་ཐོག་བདེན་འཚོལ་ཡིན་དགོས་ཏེ། དངོས་ཡོད་དང་མཐུན་ཞིང་ཁ་གསལ་བའི་ཁུངས་སྣེའི་ཆ་འཕྲིན་ལྡན་གང་ཐུབ་བྱེད་དགོས། དེའི་ནང་བསམ་འཆར་འདོན་ཡུལ་དང་། དོན་རྐྱེན་བྱུང་བའི་དུས་ཚོད། ཞིབ་ཕྲའི་གནས་ཚུལ། འབྲེལ་ཡོད་དཔང་རྟགས(དཔེར་ན་དཔྱད་གཞི་དང་པར་རིས་སོགས)སོགས་ཚུད་ཡོད།
མིང་ངོ་མའི་ཐོག་ནས་ཐེར་འདོན་བྱ་རྒྱུར་སྐུལ་ལྕག་གཏོང་རྒྱུ་སྟེ། མིང་ངོ་མ་དང་འབྲེལ་གཏུག་བྱེད་སྟངས་ནུས་ལྡན་མཁོ་འདོན་བྱེད་དགོས་ཤིང་། ང་ཚོས་ཐེར་འདོན་བྱེད་མཁན་མི་སྒེར་གྱི་ཆ་འཕྲིན་དང་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་ནན་པོ་བྱ་རྒྱུ་ཡིན།
འགན་འཁྲི་བདའ་འདེད་ནན་པོ་གཏོང་རྒྱུ་སྟེ། ངན་སེམས་བཅངས་ནས་སྙོན་འཛུགས་ཞུ་སྦྱོར་དང་རྫུན་བཟོ་བྱས་ནས་མི་གཞན་ལ་མ་ཉེས་ཁག་གཡོགས་བྱེད་པའི་བྱ་སྤྱོད་ལ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་འབྲེལ་ཡོད་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན། འབྲི་རུ་རྫོང་དམངས་སྲིད་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུད(དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས)ཀྱིས་ལག་འབྱོར་བྱུང་བའི་གནད་དོན་གྱི་ཁུངས་སྣེར་ཞིབ་དཔྱད་ནན་པོ་བྱས་ནས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་བྱ་རྒྱུ་མ་ཟད། གསང་བ་དམ་སྲུང་གི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ་ཐེར་འདོན་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་ཡིན།
འབྲི་རུ་རྫོང་དམངས་སྲིད་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུད་ནས།
2026ལོའི་ཟླ་བ་3པའི་ཚེས་9ཉིན།
附件:





藏公网安备:54242102000109号